


如果您无法下载资料,请参考说明:
1、部分资料下载需要金币,请确保您的账户上有足够的金币
2、已购买过的文档,再次下载不重复扣费
3、资料包下载后请先用软件解压,在使用对应软件打开
སློབ་ཚན་གླེང་བརྗོད།《ས་སྐྱ་དགོན་པ》འཁྲིད་ཐབས་གླེང་བ།ཧའེ་ས་སློབ་ཆུང་།མིག་དམར་བུ་ཁྲིད་ཆུང་བ།གུས་ཤིང་བརྩེ་བའི་དབུ་ཁྲིད་ལྷན་རྒྱས་དང་ལས་རོགས་རྣམ་པ།ཞོགས་པ་བདེ་ལེགས།དེ་རིང་གུས་མོས་སློབ་ཁྲིད་བྱས་པའི་སློབ་ཚན་གྱི་ཁ་བྱང་ལ་《ས་སྐྱ་དགོན་པ》ཞུ་གི་ཡོད།གཅིགབསླབ་གཞི་དབྱེ་ཞིབ་ལ་འཇུག་པ།《ས་སྐྱ་དགོན་པ》ཞེས་པའི་སློབ་ཚན་དེ་ནི་འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ།སྐད་ཡིགལོ་རིམ་ལྔ་པ།སྨད་ཆའི་དགའ་ཚལ་གསུམ་པའི་ནང་འཁོད་པའི་སློབ་ཚན་༡༢པ་དེ་ཡིན།སློབ་ཚན་འདི་ནི་བོད་ཀྱི་གནའ་ཤུལ་གྲགས་ཅན་ས་སྐྱ་དགོན་པ་ངོ་སྤྲོད་བྱེད་པའི་སློབ་ཚན་ཞིག་ཡིན།སློབ་ཚན་དེར་ས་སྐྱ་དགོན་པའི་ཆགས་ཡུལ་དང་།ཕྱག་འདེབས་པའི་དུས་ཚོད།ཕྱག་འདེབས་མཁན།དགོན་པའི་མིང་ཐོགས་སྟངས།འཛུགས་སྐྲུན་གྱི་ཁྱད་ཆོས།དེ་བཞིན་རྩ་ཆེའི་རིག་དངོས་གཙོ་བོ་གང་དག་ཡོད་པ།གྲགས་ཅན་གྱི་མཁས་པ་གང་འདྲ་ཐོན་པ་སོགས་ཁ་གསལ་གོ་བདེའི་ཐོག་ནས་ངོ་སྤྲོད་བྱས་ཡོད་པ་ལས་དེ་རིང་གུས་མོས་སློབ་ཚན་དེའི་གོང་གི་དུམ་བུ་གསུམ་པོ་དེ་སློབ་ཁྲིད་བྱས་ཏེ་སློབ་མས་ས་སྐྱ་དགོན་པའི་གནས་ཡུལ་དང་བསྐྲུན་པའི་དུས་ཚོད།ཕྱག་བཏབ་མཁན།གནས་སའི་ཁྱད་ཆོས།དགོན་པའི་ཆགས་སྟངས།རྒྱ་བསྐྱེད་ཇི་འདྲ་བྱས་ཡོད་པ་བཅས་སློབ་མ་ཚོས་ཁ་གསལ་གོ་བདེའི་ངང་ཤེས་རྟོགས་ཐུབ་པ་ཞུས་ཡོད།གཉིས།སློབ་ཁྲིད་ཀྱི་དམིགས་ཡུལ་དང་རེ་བ།༡ཤེས་བྱ་དང་ནུས་རྩལ།སྒྲ་དག་ཅིང་ཚིག་གི་གཅོད་མཚམས་རན་པ་དང་བརྩེ་དུང་ལྡན་པའི་སྒོ་ནས་སློབ་ཚན་འབྱོང་ཀློག་ཐུབ་པའི་ཁར་སློབ་ཚན་གྱི་བརྗོད་བྱའི་སྙིང་པོ་རྟོགས་པ་བྱས་ཏེ་ས་སྐྱ་དགོན་པའི་ལོ་རྒྱུས་ངག་ཐོག་ནས་མི་གཞན་ལ་མདོར་བསྡུས་ཤོད་ཐུབ་པ།༢གོ་རིམ་དང་ཐབས་ཤེས།(༡)སློབ་ཚན་གྱི་ནང་དོན་ལ་གཞོགས་འདེགས་ཐུབ་ཆེད་བརྙན་ཆས་ལས་དཔར་རིས་སྟོན་བཞིན་དགེ་རྒན་རང་ཉིད་ནས་སྣེ་ཤན་པའི་ཚུལ་གྱིས་སློབ་མ་རྣམས་སློབ་ཚན་ནང་ཡུལ་སྐོར་སྤྲོ་འཆམ་ལ་འཁྲིད་པ།(༢)ཐད་མཐོང་གི་རི་མོ་བཀོལ་བ་སོགས་ཐབས་ཤེས་སྣ་ཚོགས་སྤྱད་དེ་སློབ་མ་ཚོས་གོ་དཀའ་བའི་ཚིག་དག་གི་དཀའ་གནད་དཀྲོལ་ནས་སློབ་ཚན་གྱི་ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་རྟོགས་ཐུབ་པ།༣ཚོར་འདུའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ།སློབ་ཚན་འདི་འཁྲིད་རྗེས་སློབ་མ་ཚོས་བོད་ཀྱི་གནའ་ཤུལ་གྲགས་ཅན་ས་སྐྱ་དགོན་པར་སྔར་བས་རྒྱུས་མངའ་དང་བོད་ལ་འདི་ལྟ་བུའི་གནའ་ཤུལ་གྲགས་ཅན་ཡོད་པར་སེམས་གཏིང་ནས་སྤོབས་པ་དང་གཟི་བརྗིད།བོད་རིགས་བྱིས་པ་ཞིག་གི་ངོས་ནས་རང་ཉིད་ཀྱི་ཕ་ཡུལ་ལ་དགའ་ཞེན་དང་ཁྱད་དུ་འཕགས་པའི་རིག་གནས་ཤུལ་བཞག་དག་ལ་གཅེས་འཛིན་དང་བདག་གཅེས།སྲུང་སྐྱོབ་བཅས་ཀྱི་བསམ་པ་སྐྱེད་སྲིང་ཐུབ་པ།གསུམ།སློབ་ཁྲིད་ཀྱི

仙人****88
实名认证
内容提供者


最近下载